རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་།

Central For Middle Way Initiative

中间道路倡议中心

རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས།

༡) ཕྱི་འབྲེལ་སྲིད་ཇུས་ཀྱི་འཕེལ་རིམ།

ཧྥ་ཏན་སློབ་གྲྭ་ཆེན་མོའི་ཡན་ཧྲིན་དབྱི་ཡིས་རྒྱ་ནག་གི་ཕྱི་འབྲེལ་ལོ་རྒྱུས་དེ་དུས་རིམ་ལྔར་བགོས་ཡོད་པ་སྟེ། རྒྱལ་ཁབ་བཙུགས་པ་ནས་ལོ་རབས་ལྔ་བཅུ་བའི་མཇུག་བར་དུ་སུའུ་ལན་དང་མཉམ་འབྲེལ་བྱས་ཏེ། ཨ་རིར་ངོ་རྒོལ་བྱེད་”པའི་ཕྱི་འབྲེལ་འཐབ་ཇུས་འདི་དུས་རིམ་དང་པོ་ཡིན་པ་དང་། ཇི་ལྟར་རྒྱ་ནག་རང་ཉིད་ཀྱི་ཕྱི་འབྲེལ་སྲིད་ཇུས་ཤིག་འཛུགས་སྐྲུན་དང་། ཇི་ལྟར་ཨ་རི་བཙན་རྒྱལ་རིང་ལུགས་དང་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་གཞན་ལ་འབྲེལ་བ་འཇོག་སྟངས། ཇི་ལྟར་སུའུ་ལན་དང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཚོར་འབྲེལ་བ་འཛིན་རྒྱུའི་གནད་དོན་གསུམ་ལ་དམིགས་ཏེ། མའོ་ཙེ་ཏུང་གིས། ་ཁྱིམ་ཐབ་ལོགས་སུ་བཟུང་། ཁང་ཁྱིམ་གཙང་མར་ཕྱགས་རྗེས་མགྲོན་པོ་བསུ། ཕྱོགས་གཅིག་ལ་ཁེན་”ཞེས་པའི་བྱེད་ཐབས་བཏོན་ཡོད། ༡༩༥༣ ལོར་རྒྱ་གར་གྱི་སྐུ་ཚབ་ཚོགས་པ་ཞིག་རྒྱ་ནག་ཏུ་ཡོང་སྟེ། ཕྱོགས་གཉིས་ཀྱིས་བོད་ཀྱི་གནད་དོན་སྐོར་གྲོས་མོལ་བྱེད་སྐབས། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཞེས་པའི་འདོད་ཚུལ་བསྟན་པ་དང་། (རྒྱ་ནག་གི་རྩོམ་ཡིག་མང་པོ་ཞིག་ཏུ་རྩ་དོན་འདི་ཀྲོའུ་ཨིན་ལེ་ཡིས་བཏོན་ཚུལ་བྲིས་ཡོད་ཀྱང༌། དབྱིན་ཇིའི་ཤེས་བྱ་ཀུན་འདུས་ Encyclopedia Britannicaནང་རྒྱ་གར་གྱི་སྲིད་བློན་ནེཧ་རུས་བཏོན་པ་རེད་ཅེས་བྲིས་ཡོད་པ་དང་། རྒྱ་གར་བ་ཚོས་ཀྱང་དེ་ལྟར་འདོད།) ལོ་རྗེས་མའི་ཟླ་༤ ཚེས་༢༩ ཉིན་རྒྱ་དཀར་ནག་གཉིས་ཀྱིས་ཀྲུང་གོའི་བོད་ལྗོངས་ས་གནས་དང་རྒྱ་གར་དབར་ཚོང་འབྲེལ་དང་འགྲིམ་འགྲུལ་ཐད་ཀྱི་ཆོད་དོན་”ཟེར་བར་མིང་རྟགས་འགོད་སྐབས། གོང་གསལ་རྩ་དོན་ལྔ་བོ་ཆོད་དོན་དེའི་ནང་བཅུག་ཡོད། ༡༩༥༥ ལོར་

ཧིན་རྡུ་ནི་ཤ་ཡར་འཚོགས་པའི་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཀའི་ཚོགས་འདུའི་སྟེང་། རྒྱལ་ཁབ་༢༩ ཙམ་གྱི་སྐུ་ཚབ་ཀྱིས་འཛམ་གླིང་ཞི་བདེ་དང་མཉམ་འབྲེལ་སྐུལ་འདེད་ཐད་ཀྱི་བསྒྲགས་གཏམ་ནང་། གོང་གསལ་རྩ་དོན་ལྔ་ཚུད་པའི་རྒྱལ་སྤྱིའི་འབྲེལ་ལམ་གྱི་རྩ་དོན་བཅུ་བཀོད་འདུག

ལོ་རབས་དྲུག་ཅུའི་མགོ་ནས་ལོ་རབས་བདུན་ཅུའི་མགོ་བར་“ཨ་རི་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང༌། སུའུ་ལན་བཟོ་བཅོས་རིང་ལུགས་ལ་ངོ་རྒོལ་བྱེད་པ་ནི་དུས་རིམ་གཉིས་པ་ཡིན་ཞིང༌། དུས་རིམ་གསུམ་པ་ནི་ལོ་རབས་བདུན་ཅུའི་ནང་་ཨ་རི་ལ་མཉམ་འབྲེལ་བྱས་ཏེ་སུའུ་ལན་བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་དང༌། ཐིག་སྐུད་གཅིག་”གི་འཐབ་ཇུས་ལག་བསྟར་བྱས། (ཐིག་སྐུད་གཅིག་”ཟེར་བ་ནི། རྒྱ་ནག་དང་ཉི་ཧོང་། དེ་ནས་པ་ཀི་སི་ཐན་དང་དབྱི་རན། ཏུར་ཀེ། ཡོ་རོབ་ནས་ཨ་རི་བར་གྱི་སུའུ་རྒོལ་མཉམ་འབྲེལ་”གྱི་རྒྱལ་སྤྱིའི་འཐབ་ཕྱོགས་གཅིག་གྱུར་འགྲུབ་པར་བྱ་རྒྱུའི་འཆར་གཞི་ཞིག་ཡིན།)ལོ་རབས་བརྒྱད་ཅུའི་ནང་་བཅོས་བསྒྱུར་སྒོ་འབྱེད་”ལ་བརྟེན་པའི་ཕྱི་འབྲེལ་སྲིད་ཇུས་དེ་དུས་རིམ་བཞི་བར་བརྩི་བ་དང༌། །

ཕྱི་འབྲེལ་སྲིད་ཇུས་ཀྱི་བཅོས་སྒྲིག་གཙོ་བོ་ནི།

༡། རྒྱལ་སྤྱིའི་གནས་སྟངས་ལ་ཚོད་དཔག་བྱེད་སྟངས་འགྱུར་བ་བཏང་སྟེ། དམག་འཐབ་དང་ འི་གནད་དོན་

ཐད་ཚན་རིག་དང་མཐུན་པའི་ངོས་འཛིན་བྱེད་ཐབས་བཟུང་། །

༢། ་ཐིག་སྐུད་གཅིག་”གི་འཐབ་ཇུས་ལ་འགྱུར་བ་བཏང་སྟེ། སྟོབས་ཆེན་རྒྱལ་ཁབ་སུ་གང་དང་མནའ་འབྲེལ་ལམ་འཐབ་ཇུས་ཀྱི་འབྲེལ་ལམ་མི་འཛུགས་པར། རང་ཚུགས་རང་བདག་གཙིགས་སུ་བཟུང་།

འ། འདུ་ཤེས་འཛིན་སྟངས་གཞིར་བཟུང་ཉེ་འགྱངས་ཀྱི་དབྱེ་འབྱེད་མི་བྱེད་པར། “ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི”རྨང་གཞིའི་སྟེང་། རྒྱལ་ཁབ་གང་རུང་དང་མཉམ་དུ་མཛའ་འབྲེལ་འཛུགས་རྒྱུའི་འབད་པ་བྱ་རྒྱུ།

ལ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འཆར་གཞི་གཞིར་བཟུང་། དབྱིན་ཇི་དང་པོར་ཅི་གྷལ་མཉམ་དུ་ཧོང་ཀོང་དང་ཨའོ་མིན་རྒྱ་ནག་གིས་རྩིས་ལེན་བྱེད་ཕྱོགས་མཉམ་འབྲེལ་གསལ་བསྒྲགས་ལ་མིང་རྟགས་བཀོད།

༥། ཕྱོགས་ཡོངས་ནས་སྒོ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱས།།

དུས་རིམ་ལྔ་བ་ནི་༡༩༨༩ ལོའི་༦།༤ དོན་རྐྱེན་རྗེས། ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོའི་གནོན་ཤུགས་གདོང་ལེན་བྱེད་ཞོར་དུ། མཐའ་སྐོར་གྱི་རྒྱལ་ཁབ་ཁག་དང་མཛའ་འབྲེལ་གོང་མཐོར་བཏང་། ༦།༤ དོན་རྐྱེན་དང་། སུའུ་ལན་དང་ཤར་ཡོ་རོབ་ཀྱི་དམར་ཤོག་གྱེས་ཐོར་སོང་རྗེས། ཏིན་ཞའོ་ཕིན་གྱིས་རྣལ་དུ་ཕབ་ནས་ལྟ་ཞིབ་དང་། ཁེངས་སྐྱུང་མངོན་ཆུང་།

རྐང་རྩ་བརྟན་ཚུགས། གཟབ་བརླིང་གིས་ཁ་གཏད་གཅོག གྲོགས་པོ་སྒྲིག་དགོས་ལ། སེམས་སུ་གདེང་ཚོད་ཡོད་དགོས་ཞེས་བཤད་ཡོད་པ་དང་། ཁེངས་སྐྱུང་མངོན་ཆུང་ཟེར་བའི་རྗེས་སུ་ནམ་རྒྱུན་“ཡིའུ་སོ་ཙོ་ཝེ་འམ་“བྱས་པ་རྗེས་ཡོད་ཟེར་བའི་ཚིག་ཅིག་འཇོག་གི་ཡོད། གོང་གསལ་འདི་དག་གི་གོ་དོན་ནི། ཕྱི་འབྲེལ་ལས་དོན་ཐད་འུད་སྒྲོག་ཟིང་ལོང་མེད་པར། མངོན་ཆུང་གིས་གོ་སྐབས་འཚོལ་དགོས་པའི་དོན་ཡིན།།

༢) ཧུའུ་ཅིན་ཐའོ་ཡི་“རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ།།

དུས་རབས་སྔ་མའི་ལོ་རབས་དགུ་བཅུའི་སྨད་ནས་བཟུང༌། རྒྱ་གཞུང་གིས་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ཕལ་མོ་ཆེ་དང་མཉམ་དུ་རྣམ་པ་སྣ་ཚོགས་ཀྱི་“མཛའ་གྲོགས་འབྲེལ་ལམ་བཙུགས་ཡོད་པ་དང་། ༡༩༩༦ ལོའི་ཟླ་༤ ནང་ཨུ་རུ་སི་དང༌། ཟླ་༡༡ ནང་རྒྱ་གར། ༡༩༩༧ ལོའི་ཟླ་༥ ནང་ཧྥ་རན་སི་དང་། ཟླ་༡༡ ནང་ཁེ་ན་ཊ། ཟླ་༡༢ ནང་མེཀ་སི་ཀོ་དང་ཏུང་ཞེ། ཨ་རི། ༡༩༩༨ ལོར་དབྱིན་ཇི་དང་ཉི་ཧོང་བཅས་པར་མིང་འདོགས་འདྲ་མིན་གྱི་འབྲེལ་བ་བཙུགས་ཡོད་པ་དང༌།

ཧུའུ་ཅིན་ཐའོ་སྲིད་སྟེགས་སུ་འཛེག་རྗེས། འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ཕལ་ཆེ་བར་སོང་ཚར་ཡོད།

ཕྱི་འབྲེལ་མཁས་པ་ལུའུ་དབྱི་ཀྲིན་གྱིས་དབྱེ་ཞིབ་བྱས་པ་ལྟར་ན། ཧུའུ་ཅིན་ཐའོ་ཡི་“རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་”ལ་གྲུབ་འབྲས་ཕྱོགས་བཞི་ནས་ཐོབ་ཡོད་ཚུལ་བཀྲལ་འདུག

༡། རྒྱ་ནག་དེ་ཕྱོགས་ཁ་ཤས་ནས་ཨ་རི་དང་ཡོ་རོབ་ལ་འགྲན་ཐབས་མེད་ཀྱང༌། རྒྱལ་ཁབ་སྤྱི་ཡོངས་ཀྱི་སྟོབས་ཤུགས་ཐད་ཨ་རི་དང་རིང་ཐུང་ཡང་ལྕི་མེད་ཚུལ་འཛམ་གླིང་སྟེང་ངོམས་ཐུབ་ཡོད།།

༢། ཧུའུ་ཅིན་ཐའོ་འཚམས་འདྲིར་བསྐྱོད་པའི་རྒྱལ་ཁབ་རེ་རེ་དང་མཉམ་འབྲེལ་གསལ་བསྒྲགས་སྤེལ་སྐབས། རྒྱལ་ཁབ་དེ་དག་གིས་“རྒྱ་ནག་འདི་ཚོང་རའི་དཔལ་འབྱོར་གྱི་རྒྱལ་ཁབ་ཅིག་ཡིན་་པ་ཁས་ལེན་བྱེད་དགོས་པའི་ཨུ་ཚུགས་བྱེད་པ་དེས་ཕྱི་འབྲེལ་གྱི་དམིགས་ཡུལ་དུ་མ་ཞིག་འགྲུབ་ཀྱི་ཡོད།

༣། ཕྱི་དངུལ་གསོག་ཚད་མཐོ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། རྡོ་སྣུམ་དང་རང་བྱུང་སོལ་རླངས། འཐབ་ཇུས་ལྕགས་རིགས་སོགས་ཐོན་ཁུངས་འཕྲོག་རྩོད་ཁྲོད་མཐུན་རྐྱེན་ཡག་ཤོས་འཛོམས་ཡོད།

༤། ཧུའུ་ཅིན་ཐའོ་ཡིས་དམག་དོན་དང་རྒྱལ་སྲུང་སྐོར་ཚིག་གཅིག་མི་གླེང་མོད། ཕྱི་ལོགས་སུ་འགྲོ་ཐེངས་རེ་རེ་རྒྱལ་ཁབ་བདེ་འཇགས་དང་ཐད་ཀར་འབྲེལ་ཡོད། མེཀ་སེ་ཀོ་ནས་བྷརལ་ཟིལ་དང་། ནེ་གྷི་རེ་ཡ་ནས་སེ་རེ་ཡ་བར་དུ་རྒྱ་གཞུང་གིས་“འཐབ་ཇུས་ཀྱི་འབྲེལ་ལམ་དེ་བཙུགས་ཏེ། ཨ་རིས་རྒྱ་གར་དང་དབུས་ཨེ་ཤ་ཡའི་རྒྱལ་ཁབ་ཚོས་རྒྱ་ནག་བསྐོར་བསྐྱིལ་བྱེད་པར་ཁ་གཏད་གཅོག་ཐབས་བྱེད་ཀྱི་ཡོད།

༣) ་ཞི་བའི་འབུར་ལངས། Peaceful rising༢༠༠༢ ལོར་རྒྱ་ནག་རྒྱལ་སྤྱིའི་འབྲེལ་ལམ་སློབ་གླིང་གིས་ལོ་གསུམ་རིང་ཉམས་ཞིབ་བྱས་པ་བརྒྱུད། རྒྱ་ནག་གི་རྒྱལ་ཁབ་སྤྱི་ཡོངས་ཀྱི་སྟོབས་ཤུགས་འཛམ་གླིང་སྟེང་ཨང་བདུན་པར་སླེབས་ཡོད་པའི་སྙན་ཐོ་བཏོན་པ་དང་། ཞི་བའི་འབུར་ལངས་ཟེར་བའི་རྗོད་ཚིག་དེ་ཐོག་མར་སྤྱད་པ་དང་། ༢༠༠༣ ལོར་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གིས་ཀྱང་དེ་མཚུངས་ཀྱི་སྙན་ཐོ་བཏོན།

ལོ་དེའི་ཟླ་༡༡ ནང་རྒྱ་ནག་ཧེ་ནན་དུ་ཚོགས་པའི་“པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་”སྟེང་། རྒྱ་ནག་དབུས་ཏང་གི་སློབ་གྲྭའི་འགན་འཛིན་གཞོན་པ་ཀྲིན་པི་ཅན་གྱིས་“རྒྱ་ནག་ཞི་བའི་འབུར་ལངས་ཀྱི་ལམ་ཁ་གསར་བ་དང་ཨེ་ཤ་ཡའི་འབྱུང་འགྱུར་ཟེར་བའི་རྩོམ་ཡིག་སྒྲོག་སྦྱངས་བྱས་པ་དང༌། ཟླ་༡༢ ཚེས་༡༠ ཉིན་ཝུན་ཅ་པའོ་ཡིས་ཨ་རིའི་ཧར་ཝར་གཙུག་ལག་སློབ་གཉེར་ཁང་དུ་གཏམ་བཤད་སྐབས་ཚིག་འདི་གླེང་ཡོད་ཅིང༌། ༢༠༠༤ ཟླ་༣ ཚེས་༡༤ ཉིན་དམངས་འཐུས་ཚོགས་ཆེན་གྱི་གསར་འགོད་ཚོགས་འདུའི་སྟེང་འགྲེལ་བཤད་ཞིབ་རྒྱས་བྱས་འདུག

ཚིག་འདིའི་དམིགས་ས་གཙོ་བོ་ཨ་རི་དང་ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཡིན་ལ། གོ་དོན་ནི། རྒྱ་ནག་གི་དཔལ་འབྱོར་དང་དམག་ཤུགས་འཕེལ་རྒྱས་ཕྱིན་པ་དེས་ཞི་བདེ་དང་བརྟེན་ལྷིང་ལ་ཉེན་ཁ་བཟོ་མི་སྲིད་པ་དང་། དེ་ལས་ལྡོག་སྟེ་རྒྱལ་ཁབ་གཞན་དག་གིས་དེའི་ཁྲོད་ནས་ཁེ་ཕན་ལེན་ཐུབ་པའི་འགྲེལ་བཤད་རྒྱག་གིན་ཡོད།

རྒྱ་ནག་གི་ཕྱི་འབྲེལ་གྱི་བྱེད་ཐབས་གཙོ་བོ་ཞིག་ནི་དཔལ་འབྱོར་ལ་བརྟེན་པའི་ཕྱི་འབྲེལ་བྱེད་སྟངས་ཤིག་དང༌། དཔལ་འབྱོར་དེ་ཕྱི་འབྲེལ་གྱི་བྱེད་ཐབས་ཤིག་ཏུ་བཟུང་སྟེ་དམིགས་ཡུལ་གཞན་སྒྲུབ་པའི་དཔལ་འབྱོར་ཕྱི་འབྲེལ་”ཡིན་ཞིང༌། དེ་ནི་ཞི་བའི་འབུར་ལངས་ཀྱི་བྱེད་ཐབས་གཙོ་བོའང་ཡིན། རྒྱ་ནག་གིས་་ཞི་བའི་འབུར་ལངས་འདི་དཔལ་འབྱོར་གྱི་དར་རྒྱས་ཡིན་པ་ལས། དམག་དོན་གྱི་དར་རྒྱས་ཤིག་མིན་ཚུལ་རྩལ་དུ་བཏོན་ནས་འགྲེལ་བཤད་རྒྱག་གིན་ཡོད།

རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་་མཛའ་མཐུན། བདེ་འཇགས། འབྱོར་ཕྱུག་”བཅས་ཀྱི་འབྲེལ་ལམ་ཞིག་འཛུགས་རྒྱུའི་དྲིལ་བསྒྲགས་བྱེད་བཞིན་པ་དང་། དེའི་བྱེད་ཐབས་གཅིག་ནི་ས་མཚམས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན་ཞིང་།

རྩོད་རྙོག་ཟུར་དུ་བཞག་སྟེ། ཐུན་མོང་གིས་སྔོག་འདོན་་ཟེར་བའི་ཏིན་ཞའོ་ཕིན་གྱི་བསམ་ཚུལ་དེ་འཕྱར་ནས་ཤར་ལྷོ་ཨེ་ཤའི་རྒྱལ་ཁབ་མཐུན་ཚོགས་དབར་བསྒྲགས་གཏམ་ཞིག་སྤེལ་ཡོད། དེ་བཞིན་རྒྱ་ནག་དར་འཕེལ་འགྲོ་བ་ནི་ཁྱིམ་མཚེས་རྒྱལ་ཁབ་བདེ་འཇགས་དང༌། འབྱོར་ཕྱུག་ལ་སྐུལ་འདེད་ཀྱི་ཆེད་དུ་ཡིན་པ་ལས། སྟོབས་ལྡན་རྒྱལ་ཁབ་གཞན་གྱི་བྱེད་སྟངས་ལྟར་མིན་པའི་འགྲེལ་བཤད་རྒྱག་གི་ཡོད་ལ། ཤར་ལྷོ་ཨེ་ཤའི་རྒྱལ་ཁབ་མཐུན་ཚོགས་ཁྲོད་ཀྱི་ལའོ་སི་དང་འབར་མ་ལ་དམིགས་བསལ་ཁྲལ་ཆག་གི་སྲིད་ཇུས་ལག་བསྟར་བྱས་ཡོད།

༤) ཞི་བའི་འཕེལ་རྒྱས་དེ་དང་འཆམ་མཐུན་འཛམ་གླིང་།

༢༠༠༥ ཟླ་༡༢ ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་བཏོན་པའི་“རྒྱ་ནག་གི་ཞི་བའི་འཕེལ་རྒྱས་འགྲོ་ལམ་གྱི་རྒྱབ་ཤ་དཀར་པོའི་དེབ་ཟེར་བའི་ནང་། ཞི་བའི་འབུར་ལངས་ཟེར་བའི་ཚབ་ཏུ་ཞི་བའི་འཕེལ་རྒྱས་ཞེས་བཅོས་ཏེ། ཡུན་རིང་གི་ཞི་བདེ་དང༌། ཐུན་མོང་དར་རྒྱས་ཀྱི་འཆམ་མཐུན་འཛམ་གླིང་ཞིག་བསྐྲུན་རྒྱུ་ནི་རྒྱ་ནག་དེ་ཞི་བའི་འཕེལ་རྒྱས་འགྲོ་ལམ་ལ་བསྐྱོད་པའི་མཐར་ཐུག་གི་དམིགས་ཡུལ་ཡིན་ཞེས་བཀོད་ཡོད་པ་དང༌། དེབ་དེའི་ནང་།

༡། རྒྱ་ནག་ལ་རྡུལ་ཕྲན་མཚོན་ཆ་ཡོད་པའི་སྟེང༌། དམག་དོན་གྱི་འགྲོ་གྲོན་ལོ་རེ་བཞིན་འཕར་བཞིན་པའི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་མེད་པ་སོགས་ལ་བརྟེན། རྒྱ་ནག་གིས་འཛམ་གླིང་ལ་ཉེན་ཁ་བཟོ་སྲིད་པའི་གླེང་ཕྱོགས་ཤུགས་ཆེར་ཡོད་པ་དེ་ལ་དགག་པ་བརྒྱབ་པ་དང་།།

ན། རྒྱ་ནག་གི་འཕེལ་རྒྱས་དེ་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ། རྒྱ་ནག་འདི་འཛམ་གླིང་དར་རྒྱས་ལ་དགོས་མཁོ་ཡོད།

༢། རྒྱ་ནག་གིས་རྒྱལ་ཁབ་གཞན་པར་འཕྲོག་ལེན་གྱིས་རང་ཉིད་འཕེལ་རྒྱས་གཏོང་མི་སྲིད་བཅས་དོན་ཚན་གསུམ་གྱི་སྒོ་ནས་བཀྲལ་འདུག།

༢༠༠༦ ཟླ་༨ ནང་། ཀྲུང་དབྱང་ཕྱི་དོན་ཚོགས་འདུའི་སྟེང་། ཞི་བའི་འབུར་ལངས་ཀྱི་ཚབ་ཏུ་ཞི་བའི་འཕེལ་རྒྱས་འབྲི་དགོས་པའི་གྲོས་ཆོད་བཞག དེ་ལྟར་སྒྱུར་བཅོས་གཏོང་དགོས་པའི་རྒྱུ་མཚན་ཐད་རྒྱ་ནག་ཕྱི་འབྲེལ་སློབ་གླིང་གི་སློབ་དཔོན་ཆེ་མོ་གུང་ཧྲའོ་ཕིན་གྱིས། འབུར་ལངས་ཞེས་པའི་ཚིག་འདི་དུས་ཡུན་ཐུང་ངུའི་ནང་སྟོབས་ཤུགས་ཧོབ་ཀྱིས་རྒྱས་པའི་དོན་ཡིན་སྟབས། ཏིན་ཞའོ་ཕིན་གྱི་ཐེམ་པ་རིམ་བརྒྱུད་ཀྱི་བཅོས་བསྒྱུར་གྱི་གཞུང་ལུགས་དང་མི་མཐུན་པའི་འགྲེལ་བརྗོད་བྱས་ཡོད།

“འཆམ་མཐུན་འཛམ་གླིང་”ཞེས་པ་འདི་ཧུའུ་ཅིན་ཐའོ་ཡིས་༢༠༠༥ ལོའི་ཟླ་༩ ནང་མཉམ་འབྲེལ་རྒྱལ་ཚོགས་ལོ་དྲུག་ཅུ་འཁོར་བའི་ཚོགས་ཆེན་གྱི་གཏམ་བཤད་དུ་ཐོན་ཡོད་ལ། ༢༠༠༦ ཟླ་༤ ནང་ཡེལ་གཙུག་ལག་སློབ་གཉེར་ཁང་གི་གཏམ་བཤད་དང་། ༢༠༠༦ ཟླ་༦ ནང་འཚོགས་པའི་ཧྲང་ཧེ་མཉམ་འབྲེལ་སྒྲིག་འཛུགས་(sCo)ཀྱི་ཚོགས་ཐོག་ཏུ་འགྲེལ་བཤད་བྱས་ཡོད། དཔྱད་བརྗོད་པ་ཚོས། ཤོད་སྟངས་འདི་ཨ་རིས་སྣེ་འཁྲིད་པའི་རྒྱལ་སྤྱིའི་གནས་སྟངས་ལ་ཁ་གཏད་དུ་ལངས་པ་ཞིག་ཡིན་པ་དང་། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐེ་བའི་ནུབ་ཕྱོགས་ཀྱི་ལྟ་གྲུབ་ལ་རྒྱབ་ཀྱིས་ཕྱོགས་ཏེ། ་ནང་སྲིད་ལ་ཐེ་གཏོགས་མི་ཆོག་པའི་ཁྲིམས་ཚིག་འདི་གཙུག་ཏུ་བཀུར་ཞིང་། རྒྱལ་ཁབ་སོ་སོས་རང་ཉིད་ཀྱི་འཕེལ་རྒྱས་མདུན་ལམ་

འདེམས་དགོས་པའི་བསམ་ཚུལ་བསྟན་པས། བྱང་ཀོ་རི་ཡ་དང༌། སུའུ་ཌན། ཧ་སག་སི་ཐན། འབར་མ་སོགས་ཀྱིས་དེར་དོ་སྣང་ཆེར་བྱས་ཡོད་ཚོད།

ཁ༽ རྒྱ་ནག་དང་ཤར་ལྷོ་ཨེ་ཤ་ཡ།

༡) ཤར་ལྷོ་ཨེ་ཤའི་རྒྱལ་ཁབ་མཐུན་ཚོགས་༡༠+༡

༡༩༩༦ ལོར་རྒྱ་ནག་དེ་ཤར་ལྷོ་ཨེ་ཤའི་རྒྱལ་ཁབ་མཐུན་ཚོགས་ཀྱི་འབྲེལ་མོལ་མཛའ་གྲོགས་སུ་གྱུར་པ་དང་། ༡༩༩༩ ལོའི་ཟླ་༡ ནང་ཤར་ལྷོ་ཨེ་ཤའི་རྒྱལ་ཁབ་མཐུན་ཚོགས་ཀྱི་དངོས་གཞི་མིན་པའི་མགོ་ཁྲིད་ཚོགས་འདུའི་སྟེང་། ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་བཅུ་དང་། ཆེད་དུ་གདན་ཞུ་བྱས་པའི་རྒྱ་ནག་དང་ཉི་ཧོང༌། ལྷོ་ཀོ་རི་ཡ་བཅས་གསུམ་ཐུན་མོང་གིས་ཤར་ལྷོ་ཨེ་ཤའི་རྒྱལ་ཁབ་མཐུན་ཚོགས་༡༠+༣ མཉམ་འབྲེལ་བསྒྲགས་གཏམ་སྤེལ། ༢༠༠༣ ལོར་རྒྱ་ནག་དངོས་སུ་ཤར་ལྷོ་ཨེ་ཤའི་རྒྱལ་ཁབ་མཐུན་ཚོགས་དང་རྒྱ་ནག་དབར་ཞི་བདེ་དང་དར་རྒྱས་ཀྱི་འཐབ་ཇུས་མཛའ་གྲོགས་ཀྱི་འབྲེལ་ལམ་མཉམ་འབྲེལ་བསྒྲགས་གཏམ་དོན་འཁྱོལ་གྱི་འཆར་གཞི་ཟེར་བ་ཞིག་བཏོན་ཏེ། མ་འོངས་ལོ་ལྔའི་རིང་ཆབ་སྲིད་དང༌། བདེ་འཇགས།དམག་དོན། ཆ་འཕྲིན་ལག་རྩལ།(IT) སྨན་རིགས་སོགས་ཀྱི་ཐད་མཉམ་འབྲེལ་བྱ་རྒྱུའི་འཆར་གཞི་བཏིང་བ་དང༌། ༢༠༠༥ཟླ་༧ ནས་ཚོང་ཟོག་ཉོ་ཚོང་རང་དབང་ཅན་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། ༢༠༡༠ ལོར། ཤར་ལྷོ་ཨེ་ཤའི་རྒྱལ་ཁབ་མཐུན་ཚོགས་༡༠+༡ འདི་བྱང་ཨ་རིའི་རང་དབང་ཉོ་ཚོང་ས་ཁུལ་(NAFTA) ལས་བརྒལ་ཏེ། འཛམ་གླིང་གི་རང་དབང་ནོ་

ཚོང་ཁུལ་ཆེ་ཤོས་ཆགས་རྒྱུ་དང་། ༢༠༢༠ ལོར། GDP ཡོ་རོབ་མཐུན་ཚོགས་ལས་བརྒལ་རྒྱུའི་དམིགས་ཚད་བཟུང་ཡོད།

ག༽ ཧྲང་ཧེ་མཉམ་འབྲེལ་སྒྲིག་འཛུགས།0

༡༩༩༦ ལོར། རྒྱ་ནག་དང་ཨུ་རུ་སི། ཧ་སག་ཆི་ཨར་ཅི་སི། ཐ་ཅི་ཀ་བཅས་རྒྱལ་ཁབ་ལྔས་གྲང་དམག་སྐབས་ཀྱི་དམག་དོན་དོན་གྱི་སྒྲིག་བཀོད་ཉུང་འཕྲི་དང་། ས་མཚམས་ཀྱི་རྩོད་རྙོག་འདུམ་ཐབས་སུ་ཧྲང་ཧེ་རུ་བཙུགས་པ་ཞིག་ཡིན་ལ། ཐོག་མར་“ཧྲང་ཧེ་རྒྱལ་ཁབ་ལྔ་(shanghai Five)ཟེར། རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་གྱི་ངོ་རྒོལ་སྟོབས་ཤུགས་ལ་དབུས་ཨེ་ཤ་ཡའི་རྒྱབ་ཁབ་ཚོས་མཐུན་འགྱུར་བྱེད་དོགས་སྔོན་འགོག་དང༌། ཨུ་རུ་སི་རྗེ་ཆི་ནི་ཡའི་རང་བཙན་སྟོབས་ཤུགས་ལ་ཞེད་སྣང་གིས། རྗེས་སུ་ཚོགས་པའི་ངོ་བོ་དབུས་ཨེ་ཤ་ཡའི་བརྟན་ལྷིང་མེད་པའི་གནས་སྟངས་ལ་དམིགས་པའི་ས་ཁོངས་བདེ་འཇགས་ཀྱི་ཚོགས་པ་ཞིག་ཏུ་གྱུར་ཡོད། ༢༠༠༡ ལོར་ཨུ་ཚོ་བེཀ་སྒྲིག་འཛུགས་འདིར་ཞུགས་ཏེ། ་ཧྲང་ཧེ་རྒྱལ་ཁབ་དྲུག་གི་གཏན་འཇགས་ལས་ཁུངས་བཙུགས། ་འཇིགས་སྐུལ་རིང་ལུགས་པ་དང་། ཁ་བྲལ་རིང་ལུགས་པ། ཐལ་བསྐྱོད་རིང་ལུགས་པར་རྡུང་རྡེག་གཏོང་རྒྱུའི་ཧྲང་ཧེ་སྤྱི་ཆིངས་་བཞག ༢༠༠༢ ལོར་རྒྱལ་ཁབ་དྲུག་གི་མགོ་ཁྲིད་ཀྱིས་་ཧྲང་ཧེ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་རྩ་ཁྲིམས་ལ་མིང་རྟགས་བཀོད། ཨ་རིས་ཨ་ཧྥེ་གྷན་ནི་སི་ཐན་ལ་དཔུང་འཇུག་སྐབས། ཨུ་ཚི་བེཀ་དང་ཚེ་ཨར་ཅི་སི་གཉིས་ཀྱིས་སོ་རྒྱལ་ཁོངས་སུ་ཨ་རིའི་དམག་དཔུང་ལ་རྟེན་གཞི་བཟོ་རུ་བཅུག་པས། ཨུ་རྒྱ་གཉིས་རྣམ་རྟོག་ལངས་ཡོད།

༢༠༠༤ ལོར་ཕྱི་སོག་ཟུར་ཉན་དུ་སྐད་བཏང་བ་དང་། ༢༠༠༥ ལོའི་ཟླ་༧ ཚེས་༥ ཉིན་གྱི་ཚོགས་འདུའི་སྟེང་།

ཨ་ཧྥེ་གྷན་ནི་སི་ཐན་གྱི་འཇིགས་སྐུལ་རིང་ལུགས་གཏོར་རྒོལ་གྱི་དམག་འཐབ་མཇུག་བསྒྲིལ་ཟིན་པས། ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཚོའི་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་བསམ་ཚུལ་བསྟན་པ་དང་། ཨུ་ཚི་བེཀ་གཞུང་གིས་མང་ཚོགས་བསད་ཉེས་བྱུང་བའི་དོན་རྐྱེན་ཞིག་ལ་ནུབ་ཕྱོགས་ཀྱིས་སྐྱོན་བརྗོད་ཤུགས་ཆེར་བྱས་པས། ཨ་རིའི་དམག་དཔུང་ཕྱིར་འཐེན་བྱེད་དུ་བཅུག་རྒྱ་གར་དང་པ་ཀི་སི་ཐན། དབྱི་རན་གསུམ་ལ་ཟུར་ཉན་བྱེད་དུ་བཅུག

སྒྲིག་འཛུགས་འདིས་དམག་སྦྱོང་ཐེངས་གསུམ་བཞི་བྱས་ཡོད་པ་སྟེ།

༡། ༢༠༠༣ ཟླ་༧ ནང་ཧ་སག་སི་ཐན་དང་ཞིན་ཅང་གཉིས་སུ་དམག་མི་ཆིག་སྟོང་ལྷག་གིས་དམག་སྦྱོང་བྱས་པ་དང་།

༢། ༢༠༠༥ ལོའི་ཟླ་༨ ནང་། ཨུ་རུ་སི་དང་རྒྱ་ནག་གཉིས་ཀྱིས་༡༩༥༨ ཚུན་གཞི་རྒྱ་ཆེ་ཤོས་ཀྱི་དམག་སྦྱོང་ཐོག་

མ་དེ་བྱས་ཤིང་། དམག་སྦྱོང་གི་ཁྱབ་ཁོངས་རྒྱལ་ཁབ་གཉིས་ཀའི་ས་ཁོངས་སུ་སླེབས་ཡོད།

༣། ༢༠༠༦ ཟླ་༨ ཚེས་༢༥ ཉིན། རྒྱ་ནག་དང་ཧ་སག་སི་ཐན་གཉིས་ཀྱིས་འཇིགས་སྐུལ་རིང་ལུགས་གཏོར་

རྒོལ་གྱི་དམག་སྦྱོང་བྱས་ཡོད། ༤།ནུབ་ཕྱོགས་ཀྱི་དཔོན་རིགས་མང་པོ་ཞིག་གིས། sco འདིའི་དམིགས་ཡུལ་གཙོ་བོ་དབུས་ཨེ་ཤ་ཡ་ཁུལ་དུ་ཨ་རིའི་ཤུགས་རྐྱེན་འགོག་ཐབས་ཡིན་པའི་མཚོན་རྟགས་གཅིག་ནི། ༢༠༠༦ ཟླ་༦ ནང༌། དབྱི་རན་གྱི་སྲིད་འཛིན་གདན་ཞུས་ཀྱིས་ཧྲང་ཧེ་རུ་གཏམ་བཤད་བྱེད་དུ་བཅུག་ཡོད། རྒྱ་ནག་གིས་སྒྲིག་འཛུགས་འདི་བརྒྱུད་དེ། ཨ་རིས་རྒྱ་ནག་ལ་བསྐོར་བསྐྱིལ་བྱེད་སྲིད་པའི་གནས་སྟངས་ལ་ཁ་གཏད་གཅོག་རྩིས་ཡོད་ལུགས་ཧྲང་ཧེ་ཚན་རྩལ་སློབ་གྲྭའི་སློབ་དཔོན་ཆེན་མོ་གཞོན་པ་ཨན་མན་གྱིས་བཤད་ཡོད་པ་དང་། དེ་བཞིན་རྒྱ་དཀར་ནག་དང་། ཨུ་རུ་སིའི་དབར་འཐབ་ཇུས་སྟེང་རྣམ་རྟོག་ཡོད་སྟབས། རྒྱ་ནག་གིས་དེ་དག་འགུག་ཐབས་ཀྱིས་ཨ་རི་ལ་ཁ་གཏད་གཅོག་སྲིད་པའི་ཚོད་དཔག་བྱེད་མཁན་ཡང་ཡོད།

ག༽ རྒྱ་ནག་དང་ཨ་ཧྥེ་རི་ཀ

རྒྱ་ནག་ནི་ཨ་ཧྥེ་རི་ཀའི་ཚོང་ཤག་ཆེ་ཤོས་ཨང་གསུམ་པ་ཡིན། ༢༠༠༥ ལོར་རྒྱ་ནག་གིས་ནང་འདྲེན་བྱས་པའི་རྡོ་སྣུམ་གྱི་གསུམ་ཆའི་གཅིག་ལྷག་ཨ་ཧྥེ་རི་ཀ་ནས་ཡོང་བ་དང་། རྒྱ་ནག་གིས་༢༠༠༦ དེ་“ཨ་ཧྥེ་རི་ཀའི་ལོ་”ཞེས་སྲུང་བརྩི་བྱས་པ་མ་ཟད། “རྒྱ་ནག་གིས་ཨ་ཧྥེ་རི་ཀར་འཛིན་པའི་སྲིད་ཇུས་ཡིག་ཆ་ཟེར་བ་ཞིག་བཏོན་ཏེ། ཕྱོགས་ཡོངས་ནས་མཉམ་འབྲེལ་གྱི་ཕྱོགས་ཀྱི་ནང་དོན་གསལ་འདོན་བྱས། ༡༩༩༡ ལོ་ནས་བཟུང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞུང་འབྲེལ་ཕྱིར་བསྐྱོད་ཀྱི་འབབ་ཚིགས་དང་པོ་དེ་ཨ་ཧྥེ་རི་ཀ་ཡིན་ཤག་གི་སྲོལ་རྒྱུན་ཞིག་ཆགས་ཡོད། །

རྒྱ་ནག་གཞུང་གི་སྡོམ་རྩིས་ཡིག་ཆ་ལྟར་ན། ༢༠༠༠ ལོར་རྒྱ་ནག་དང་ཨ་ཧྥེ་རི་ཀའི་ཚོང་འབྲེལ་གྱི་སྡོམ་འབོར་ཨ་སྒོར་དུང་ཕྱུར་༡༠༦ ཟིན་པ་དེ། ༢༠༠༥ ལོར་ཨ་སྒོར་དུང་ཕྱུར་༢༠༠ ལྷག་ཟིན་འདུག་པ་དང་། ༢༠༠༦ ལོར་ཨ་སྒོར་དུང་ཕྱུར་༥༠༠ ལྷག་བརྒལ་འདུག©️རྒྱ་ནག་གི་ཁེ་ལས་སྡེ་ཚན་༧༠༠ལྷག་གིས་རིན་གོང་དམའ་བའི་འཁེལ་འཐག་དངོས་ཟོག་སོགས་ཨ་ཧྥེ་རི་ཀར་ཚོང་འབྲེལ་བྱེད་བཞིན་པ་དང་། ༢༠༠༦ ལོར་རྒྱ་ནག་གིས་ཨ་ཧྥེ་རི་ཀའི་རྒྱལ་ཁབ་༢༢ ཙམ་གྱི་བུ་ལོན་ཨ་སྒོར་དུང་ཕྱུར་བཅུ་ལྷག་རྩ་ཆག་བཏང་བ་དང་། ད་དུང་ནེ་གྷི་རི་ཡར་ལྕགས་ལམ་བཟོ་བཅོས་ཆེད་ཨ་སྒོར་དུང་ཕྱུར་༡༠ ཙམ་གྱི་བུན་གཡར་བཏང་འདུག

༢༠༠༦ ཟླ་༡༡ ནང་། རྒྱ་ནག་གིས་བསྐོངས་ཚོགས་བྱས་པའི་“རྒྱ་ནག་དང་ཨ་ཧྥེ་རི་ཀ་མཉམ་འབྲེལ་གླེང་སྟེགས་ཀྱི་མགོ་ཁྲིད་ཚོགས་འདུ་”པེ་ཅིན་དུ་ཚུགས་པ་དང༌། ཐའེ་ཝན་དང་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་ལྔ་ཕུད་པའི་ཨ་ཧྥེ་རི་ཀའི་རྒྱལ་ཁབ་༤༨ ཀྱི་མགོ་ཁྲིད་ཚོགས་ཞུགས་བྱས། ཚོགས་ཐོག་ཏུ་རྒྱ་གཞུང་གིས་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཚོས་རྒྱ་ནག་ལ་སྤྲོད་ཆད་གྱུར་པའི་བུ་ལོན་ཨ་སྒོར་དུང་ཕྱུར་༡༠༠ ཙམ་ཆག་ཡང་དང་། ཨ་སྒོར་དུང་ཕྱུར་༡༩ ཙམ་གྱི་ཚོང་འབྲེལ་གན་རྒྱ་༡༤ ཙམ་ལ་མིང་རྟགས་བཀོད། འབྱུང་འགྱུར་ལོ་གསུམ་ནང་ཚུན་ཨ་སྒོར་དུང་ཕྱུར་༥༠ ཙམ་གྱི་དམིགས་བསལ་བུན་གཏོང་དང་། དེ་བཞིན་ཨ་སྒོར་དུང་ཕྱུར་༥༠ ཙམ་གྱི་ཐེབས་རྩ་བཙུགས་ཏེ། རྒྱ་ནག་གི་ཁེ་ལས་སྡེ་ཚན་ནས་ཨ་ཧྥེ་རི་ཀར་མ་དངུལ་འཛུགས་རྒྱུར་སྐུལ་འདེད་བྱ་རྒྱུ་སོགས་ཀྱི་“གཟིགས་གསོལ་ཁས་ལེན་བྱས་ཡོད།

ང་༽ རྒྱ་ནག་དང་ལྷོ་ཨ་མེ་རི་ཀ

ཅི་ལིའི་གཏེར་ཁ་དང་། ཝེ་ནི་ཟོ་ལའི་རྡོ་སྣུམ། ཨར་ཇིན་ཀྲི་ན་དང་བྷརལ་ཟིལ་གྱི་འབྲུ་རིགས་སོགས་ནི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་པར་ཁ་ཚ་དགོས་གཏུགས་ཀྱི་ཐོན་ཁུངས་ཆགས་ཡོད། ༢༠༠༥ ལོར་ཅི་ལི་དང་རྒྱ་ནག་དབར་རང་དབང་ཚོང་འབྲེལ་གྱི་གྲོས་ཆོད་བཞག་པ་དང་། རྒྱ་ནག་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་སྒྲིག་འཛུགས་APEC བརྒྱུད་ནས་ལྷོ་ཨ་རིའི་རྒྱལ་ཁབ་ཁག་ལ་མ་དངུལ་འཛུགས་རྒྱུའི་འདོད་ཚུལ་བསྟན་པ་མ་ཟད། དམག་དོན་གྱི་ཐོག་ནས་ཀྱང་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་ཡོད།

རྒྱ་ནག་གིས་ཨ་རིའི་ཁྱིམ་མཚེས་ཚོར་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་ཡོད་ནའང་། ཁོའི་སྟོབས་ཤུགས་དེ་སུའུ་ལན་དང་བསྡུར་ཐབས་མེད་པས། ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཚོར་ལྐོག་ལྐོག་སུད་སུད་བྱ་རྒྱུར་ཨ་རིས་བཀག་འགོག་བྱེད་ངེས་པ་མཁས་པ་མང་པོས་ཚོད་དཔག་བྱེད་ཀྱི་ཡོད། །

發佈留言

發佈留言必須填寫的電子郵件地址不會公開。 必填欄位標示為 *